ལིའུ། ༡

1 2 3 ༡དཀོན་མཆོག་གི་སྲས་ཡེ་ཤུ་ཁྲི་རིས་ཀྱི་གཏམ་ལེགས་པུའི་སྐོར་ལས་དགོ་བཙུག་ཏི་ཡིན། ༢ནའ་པ་ལུང་སྟོན་པ་ཡེ་ཤ་ཡ་གི་ གསུང་ནང་ངེ་གསུང་ཏེ་ཡོད་པི་པུ་ཤི་ དཀོན་ཆོག་ཀྱེ་གསུང་དོ་ ལྟ་ཤི་ ངའི་གི་ལམ་སྒྲ་་སྒྲ་བཏང་ཁའན་ཅིག་འོང་སང་ཡིན། དེ་ལས་ཁོག་ཀྱི་ངེའི་ལམ་སྒྲ་སྒྲི་བཏང་སང་ཡིན་ཟེ། ༣དཀོན་མཆོག་འབྱོན་སང་གི་ལམ་་སྒྲ་སྒྲི་བཏང་ ཁོའི་ལམ་ཤོག་པ་འཕྲང་ཕྲང་ཅོ་ཟེ་ ལུང་སྟོང་ནང་ངེ་གེའི་ཀེ་ ཀད་བཏང་བསང་ཡིན་ཟེ་གསུང་ཏེ་མེད། 4 5 6 ༤ཨུ་འདི་པུ་ཤི་རང་ཁྲུས་གསོལ་བིན་ཁའན་ཡོ་ཧ་ནཱན་ཀི་ སྡིག་པ་བཤགས་པ་བཞེས་སང་གི་དོན་ལས་ སེམས་འགྱུར་ཏེ་ཁྲུས་གསོལ་ཞུ་སང་གྱི་ཆོས་བཤད་ཏེ་ ལུང་སྟོང་ནང་ངེ་ཕིན་དེ་མེད། ༥ལུང་ཕྱོགས་ཡུ་དེ་ཡ་དང་རྒྱལ་ས་ཡེ་རུ་ཤ་ལེམ་གེ་ཀེ་ མི་ཐམས་ཅན་རང་ཁོ་ཡོད་ལའི་ ཆོས་ཉན་པ་སོང་ཏེ་མེད། ཁོང་གང་པུ་ཀི་ཙང་ཆུ་ཡོར་དཱན་ནང་ངེ་སྡིག་པའི་བཤགས་པ་ཕུལ་ཏེ་ ཁྲུས་གསོལ་ཞུ་ཏེ་མེད། ༦ཡོ་ཧ་ནཱན་ཤོ་ རྔ་མོའི་བལ་ཀྱི་འཐག་ལའི་བགོ་ལ་གྱོན་སྤ ག་པ་གི་ཀ་ར་བཅིངས། དེ་ལས་ལྟོ་ཡང་ སྤྱིའུ་ལྟགཔ་དང་ལུང་པ་ནང་གི་སི་བཱང་ཟ་སྟེ་འདུག་ཏེ་མེད། 7 8 ༧ཁོ་ཀྱི་ཆོག་ཨོ་ད་བཤད་ཏེ་མེད་ངེའི་འཇུག་གེ་འབྱོན་ཁའན་ཤོ ངེའི་གེ་ཀེ་ཡང་དབང་ཤུགས་ཅན་གཅིག་ཡིན་ ང་མར་གུག་སྟེ་ ཁོའི་ལྷམ་ཐག་ཕུད་སང་གི་འོས་འབབ་ཡང་མེད། ༨ང་ཀྱི་ཁྱོ་ཅའི་གེ་ཆུའི་ཁྲུས་གསོལ་བིན་དི་ཡིན་ དེ་སེ་ ཁོ་ཀྱི་ཁྱོ་ཅའི་གེ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་གནང་སང་ཡིན་།། 9 10 11 ༩ཨུ་འདི་གང་ངེ་ སཱ་ཆ་ག་ལི་ལི་ཀྱི་ཁྲོམ་ ན་ཟ་རཱེད་གེ་ཀེ་ ཡེ་ཤུ་བྱོན་ཏེ་ གཙང་ཆུ་ ཡཱོར་དཱན་ནང་ངེ་ ཡོ་ཧ་ནཱན་གེ་ཀེ་ཁྲུས་གསོལ་བཞེས་སྟེ་མེད། ༡༠དེ་ ལས་ཁོ་ཆུའི་ནང་ངེ་གེ་ཀེ་ཡར་བཞེངས་པི་ཅིག་ གནམ་ཁ་ཕཱད་སྟེ་ དམ་པའི་ཐུགས་ཉིད་བྱ་དི་ག་ལིང་པུ་ཤི་ཅིག་ ཁོའི་གེ་མཱ་ཆགས་པ་ཁོ་རང་ཀྱི་གཟིགས་སྟི་མེད། ༡༡དེའི་གང་ངེ་ ཡར་གནམ་མེ་གེ་ཀེ་ ཨུ་འདི་་གསུངས་ཏེ་མེད་ ཁྱོ་ངའི་བུ་ཅིག་ཤོག་པ་ཡིན་ ཁྱོའི་བལྟ་སྟེ་ ང་གནམ་མེད་ས་མེད་སེམས་དགའ་ཏེ་ཟེ་ གསུངས་སྟེ་མེད། 12 13 ༡༢དི་འཕྲིན་ལས་རང་ དམ་པའི་ཐུགས་ཉིད་ཀྱིས་བྱཱ་ཏེ་ ཁོ་ལུང་སྟོང་ནང་ངེ་འཕྲིད་བྱོན་དེ། ༡༣ལུང་སྟོང་ནང་ངེ་ཉིན་ཞག་བཞི་བཅུ་ཚམ་ཅི་ དུད་ ས་ཏཱན་ཀྱི་ ཁོའི་ཐུགས་ཚོད་བལྟ་བཞུགས་སྟེ་མེད་ ཁོ་ལུང་པའི་སེམས་ཅན་དང་མཉམ་པུ་ཞུག་ཏེ་ དེ་ལས་ཕོ་ཉ་གང་པུ་གིས་ཡང་ཁོའི་ཕྱག་ཞུ་སྟེ་མེད། 14 15 ༡༤ཡོ་ཧ་ནཱན་བཙོན་ནང་ངེ་བཙུགས་པའི་བྱབ་སྦེ་ཀེ་ ཡེ་ཤུ་ ག་ལི་ལི་གི་གེ་བྱོན་ཏེ་ དཀོན་མཆོག་གི་གཏམ་བཟང་པོ་ཁེ་པབཤད་གནངཏེ་མེད། ༡༥དཀོན་མཆོགའི་རྒྱལ་སྲིད་ཤོག་པ་ཕྱན་ལས་ཕིན་དེཡོག ་ད་སྡིག་པ་སྤང་ སེམས་འགྱུར་ཏེ་ གཏམ་ལེགས་པུའི་གེ་དད་པ་བསྐྱེད་ཟེ་ ཡེ་ཤུ་ཀྱི་གསུངས་སྟེ་མེད། 16 17 18 ༡༦ཡི་ཤུ་ག་ལི་ལི་ཀྱི་འཇམ་ཚོག་ནེ་མའི་ཕཱ་འབྱོན་སེ་ ཉ་རོགས་པ་ སི་མོན་དང་ཁོའི་ཉུངས་པོ་ ཨོན་དྲུ་ དྲཝ་བཏང་སྟེ་འདུག་པ་གཟེགས་ཏེ་མེད། ༡༧ཡི་ཤུ་ཀྱི་ཁོང་གཉིས་གེ་ལྟ་སྟེ་ ངའེ་མཉམ་པུ་ཤོག་ ང་ཀྱི་ཆོ་ཅའི་མི་བཟུང་སང་བསྟན་བིན་སང་ཡིན་ཟེ་དསུང་སྟེ། ༡༨ཁོང་གཉིས་དྲཝ་ཝོད་བཞག་སྟེ་ ཡི་ཤུའི་མཇུ་བདག་ཏེ་སོང་སྟེ་མེད། 19 20 ༡༩དེ་ལས་ཀྱེ་ ཡི་ཤུ་ཀྱེཨེ་ཀཱད་ཅི་ཕ་སོང་སེ་ ཟེ་བེ་དི་གི་བུ་ ཡ་ཀོབ་དང་ཁོའི་ཉུང་པོ་ ཡོ་ཧ་ནཱན་གཉིས་ གྲུ་གི་ནང་ངེ་དྲཝ་གྲ་སྒྲིག་གཏང་མ་གཟིགས་ཏེ་། ༢༠ཡི་ཤུ་གི་དེ་འཕྲོ་ལས་ཁོང་་གང་པུའི་ཤོ་ཟེ་གསུང་ཏེ་མས།དེ་ཁོང་ཀྱི་ཨ་པ་ཟེ་བེ་དི་ལཱ་འབྱ་ཁཱན་དང་མཉམ་པུ་གྲུ་ནང་ངེ་བཞག་ཏེ་ཁོང་རང་ཡི་ཤུ་འཇུག་བདག་ཏེ་སོང་ཏེ་མེད། 21 22 ༢༡ཡི་ཤུདང་ཁོ་རང་གི་སློབ་མ་གང་པུ་དང་མཉམ་པུ་ ས་ཕྱོག་ཀ་ཕར་ནཱམ་གེ་འགྱོན་དེ་།ངལ་འཚོ་ཀྱི་ཉི་མེ་ཁོ་ཀྱི་ཆོས་ཁང་ནང་ངེ་བྱོན་ཏེ་ཆོས་བཤད་སེ་། ༢༢ཁོཀྱི་བཤད་ཁཱན་ཆོས་ཤོ་ བཀའ་ཁྲིམ་གི་སློབ་དཔེན་་པུ་ཤི་མན་པ་ དབང་ཚད་ཅན་འབྱ་སྟེ་ ཆོས་བཤད་སེ་ མི་གང་པུ་ཧ་ལེགས་ཏེ་མེ། 23 24 25 26 ༢༣དི་གང་ངེ་ སི་ན་གོག་ནང་ནེ་བདུད་ཞུག་ཁཱན་མི་ཅིག་འོང་ཏེ་། ༢༤ནཱའ་ཟ་རད་གི་ཡི་ཤུ་ཁྱོ་ང་ཅའི་གེ་ཀེ་ཅི་དགོ་སང་ཡ་ ང་ཅ་མེད་པ་བཏང་པ་འོང་པི་ཡ་ ནཱ་ཀཱའི་ཡིན་ནམ་ང་ཀྱེ་ཤེ་ ཁྱོ་ཤོ་དཀོན་ཆོག་གི་སྲས་ཡིན་ཟེ་ ང་ཀྱི་ཤེས་ཟེ་ཀད་ཤུ་བཏང་ཏེ་མེད། ༢༥དེ་ལེ་ཀྱེ་ཡི་ཤུ་ཀི་འདྲེ་གདོན་གེ་བཀའ་རྒྱ་གནང་ཏེ་ ཟུག་ཀྱི་འབྱ་ཏེ་ཁོའི་ནང་ངེ་གེ་ཀེ་འབྱུང་སོང་ཟེ་གསུང་སེ་། ༢༦འདྲེ་ཞུག་ཁཱན་ཤོ་བཡི་སོང་ཏེ་ ན་མེད་ས་མེད་ཀཱད་ཤུག་བཏང་ཏེ་འདྲེ་གདོན་ཁེ་པ་འབྱུང་སོང་ཏེ་མེད། 27 28 ༢༧འུ་འདི་མཐོང་ཁཱན་མི་གང་པུ་ཧ་ལས་ཏེ་ ཁོང་རང་ཅིག་གི་ཅིག་ལུ་དྲི་ཏེ་མེད་ ཨུདེ་ཀ་ཏ་ཡིན་ནམ་ ཁོའི་གེ་དབང་ཚད་ཡང་ཡོད་པི་གི་ཡང་མ་ཚད་པ་ ཁོ་ཀྱི་བཀའ་གནང་སེ་ འདྲེ་གདོན་ཀྱི་ཡང་ཉན་ཏོ་ ཟེ་སླབ་ཏེ་མེད། ༢༨དེ་ལེ་ཡི་ཤུའི་གཏམ་སྙན་བསྒྲགས་ཤོ་ ག་ལི་ལི་ས་ཕྱོགས་པུ་རའི་ནང་ངེ་ཁྱབ་སོང་ཏེ་མེད། 29 30 31 ༢༩དེ་ལེ་ཡི་ཤུ་དང་སླབ་མ་གང་པུ་སི་ན་གོག་ནང་ངེ་གེ་ཀེ་འབྱོན་ཏེ་ ཡ་ཀོབ་དང་ཡོ་ཧ་ནཱན་གཉིས་དང་མཉམ་པུ་ སི་མོན་དང་ཨོན་དྲུ་གི་ཁྱིམ་མེ་འགྱོན་སེ། ༣༠སི་མོན་གི་ཨ་ནི་ དྲོད་བར་་ནཱ་སྟེ་ཡོད་ཁཱན་གི་སྐོར་ལས་ ཡི་ཤུའི་བཞུ་སེ། ༣༡ཁོ་ཀྱི་ལགས་བཟུང་སེ་ མོ་དྲག་སྟེ་ཡི་ཤུའི་འཕྱག་ཞུ་ཏེ་མེད། 32 33 34 ༣༢འུ་འདིའི་ནུ་མོ་ མི་གང་པུ་ཀྱི་བདིན་བཞུག་ཁཱན་དང་ནཱ་མི་གང་པུ་ཡི་ཤུའི་སྐུན་དོན་འོང་ཏེ་། ༣༣མི་གང་པུ་ཁྱིམ་གི་བགོའི་སྤུང་སེ་། ༣༤མི་གང་པུ་ཡི་ཤུའི་འཇུ་བདག་འོང་ཏེ་ ཁོང་གང་པུ་ཀྱི་ཁོ་ཀཱའི་ཡིན་ནམ་ཤེས་ཏེ་མེད།དེ་སེ་ཁོ་ཀྱི་ཁོང་ངེ་ཅི་ཡང་ལབ་མ་བིན་ཡོ། 35 36 37 ༣༥འུ་འདི་ཀྱེ་ཐོ་ར་ ཡི་ཤུ་ལུང་པའི་ནང་ངེ་སྨོད་ལམ་བཏབ་ཏེ་ཞུག་ཏེ་འདུག་ཏེ་མེད། ༣༦སི་མོན་དང་སློ་མ་ཞན་མ་གང་པུ་ཀྱི་ ཡི་ཤུ་ཚེ་བ་སོང་སེ་ ༣༧ཁོ་འབྱལ་སེ་ མི་གང་པུ་ཀྱི་ཁྱོད་ཚེ་དོ་ཟེ་ཞུ་སེ་། 38 39 ༣༨ཡི་ཤུ་ཀྱི་ང་ཆོགས་བཤད་པ་ཨི་ཚན་ནང་ངེ་སོང་མ་དགོ། ༣༩་དེ་ལས་ཁོ་ག་ལི་ལི་ཀྱི་སེ་ན་གོག་པུ་རའི་ནང་ངེ་ཆོས་བཤད་ཏེ་ འདྲེ་གང་པུ་ཆུང་ཏེ་དཱ་ཏེ་མེད་། 40 41 42 ༤༠མི་བཛེ་ནད་ནཱ་ཁཱན་ཅིག་འོང་ཏེ་ དེ་གི་མཐུག་གོང་ཡོད་ན་ནེ་ ང་དྲག་གནང་ཟེ་ སེཝ་བཏབ་སེ་། ༤༡ཡེ་ཤུ་ཀྱི་འཕྱག་སྐྱེད་ཏེ་ ང་ཀྱི་ཁྱོ་དྲག་པ་བིན་སང་ཡིན། ཁྱོ་དྲག་ཤི་ཟེ་གསུང་ཏེ་། 43 44 ༤༢་ཁོ་དྲག་ཏེ་མེད། ༤༣-༤༤་ཡི་ཤུ་ཀྱི་ ཁོའི་ལྟ་ཏེ་ བླམ་མ་ཡོད་ལ་འི་སོང་ཏེ་འཟོམ་དཔང་འབྱ་ ཟེ་གསུང་བཏང་ཏེ་མེད། 45 ༤༥དེ་སེ་ ཁོ་ཀྱི་འུ་འདི་ལོ་འཇུ་གང་པུ་ མི་གང་པུའི་ལབ་ལ་ཀྱི་ ཡི་ཤུ་ཀེ་ཡང་སོང་མ་མ་ཚུག་པ་ ལུང་པ་འབྱོན་ཞུག་སེ་ཕྱོགས་བཞི་གེ་ཀྱེ་ མི་གང་པུ་ཁོའི་སྐུན་དོན་གེ་བཅར་ཏེ་མེད།